༄། །འབྲི་གུང་ཚོགས་ཆོས་ཆེན་མོ།
༼ཚགས་ཆོས་ཀྱི་རིམ་པ་ལེགས་པར་བཤད་པ་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ།།༽
མཐར་ཕྱིན་མཚན་དང་དཔེ་བྱད་རིན་ཆེན་རི་བོ་ལྟར་མཛེས་སྐུ་ཡི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་མཁའ་མཉམ་སེམས་ཅན་ཁམས་དང་མཉམ་པར་འཇུག །ཆོས་རྣམས་གདོད་ནས་མ་སྐྱེས་སྟོང་པར་སྟོན་པའི་གསུང་གི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་ཐེ་ཚོམ་གཅོད་ཅིང་སེམས་ཅན་རྣམས་ཀྱི་སྐད་དང་མཐུན་པར་འཇུག །
ཐུགས་དང་མཛད་པ་འཕྲིན་ལས་ལྷུན་
གྲུབ་བསམ་གྱིས་མི་ཁྱབ་བློ་ལས་རྣམ་འ
དས་འགྲོ་བའི་དཔལ་གྱུར་ཆོས་ཀྱི་རྗེ་ལ་འདུད། །
དུས་གསུམ་འགར་མེད་འོད་གསལ་སྒྲིབ་གསུམ་རབ་སྤངས་རྣམ་དག་ཐུགས་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་ཡེ་ཤེས་དུས་རྣམས་ཀུན་ལ་ཆགས་ཐོགས་མེད་པར་འཇུག །ཡོན་ཏན་རྒྱ་མཚོ་སྐུ་གསུང་ཐུགས་དང་མཛད་པ་འཕྲིན་ལས་ལྷུན་གྲུབ་བསམ་གྱིས་མི་ཁྱབ་བློ་ལས་རྣམ་འདས་འགྲོ་བའི་དཔལ་གྱུར་ཆོས་ཀྱི་རྗེ་ལ་འདུད། །